ཁྱབ་བསྒྲགས།


གནམ་ཧོནམ་སླར་ལོག་འབག་འོང་ནི། རླུང་གཙང་མའི་དོན་ལུ་ང་བཅས་ཀྱི་བསྐུལ་བསྒྲགས།


ཧིན་དུ་ཀུཤ་ཧི་མ་ལ་ར་རི་རྒྱུད་དེ་ ང་བཅས་ར་ཐེར་འབུམ་ལས་ཅད་དེ་ ཉེན་སྐྱོན་གྱི་ཚད་ལས་ལྷག་པའི་ བཙོག་རླུང་དབུགས་ལེནའབད་བཞིན་ཡོད་པའི་ འཛམ་གླིང་གི་ལུང་ཕྱོགས་བཙོག་ཤོས་ཅིག་ཨིན།

དུག་ཅན་གྱི་བཙོག་རླུང་གིས་ མི་མང་གི་གཟུགས་ཁམས་འཕྲོད་བསྟེན་ལུ་གདན་ཁུངས་རྒྱ་ཆེཝ་སྦེ་ཡོདཔ་མ་ཚད་ ཤི་རྐྱེན་ཡང་འབད་བའི་ཁར་ ལྷག་པར་དུ་ ཨ་ལུ་ཚུ་ལུ་གནོདཉེན་ཆེཝ་ཨིན།

བཙོག་རླུང་གིས་ མི་གི་གཟུགས་ཁམས་ལུ་ཀྱངམ་ཅིག་གནོདཔ་མེན། ཨེཤ་ཡ་ལུང་ཕྱོགས་ནང་ དེ་གིས་ ལོ་ཐོག་གི་ཐོན་སྐྱེད་མར་ཕབ་བཏང་བའི་ཁར་ གངས་ཁའི་ཁཝ་དང་ཁྱེགས་ཚུ་གི་བཞུ་རྐྱེན་འབད་དེ་ ཆར་ཆུའི་དུས་ཚད་དང་ ཁྱབ་ཚད་ཚུ་ཚད་སྙོམས་མེདཔ་བཟོཝ་ཨིན།

ང་བཅས་ར་ག་ར་ རླུང་གཙང་ཏོག་ཏོ་དབུགས་ལེན་འབད་ནི་དེ་ལེགས་ཤོམ་ཨིནམ་ལས་ ཧིན་དུ་ཀུཤ་ཧི་མ་ལ་ཡ་རི་རྒྱུད་ནང་འཁོད་ཀྱི་ རླུང་ཁམས་སྤུས་ཚད་སྐྱོ་དྲགས་འགྱོ་དོ་ཡོད་མི་ལས་ལྡོག་ཐབས་ལུ་ ང་བཅས་ར་ག་ར་མཉམ་འབྲེལ་ཐོག་གཅིག་ཁར་འོང་དགོཔ་གལ་ཆེ།

ད་རེས་ཀྱི་རླུང་ཁམས་གཙང་མའི་ཉིནམ་ལུ་ ང་བཅས་ཀྱིས་ ཨི་སི་མོཌ་རླུང་གཙང་མའི་གསོལ་རས་ཁྱབ་བསྒྲགས་འབདཝ་ཨིན།

ག་ར་ལུ་བོད་བསྐུལ།

ཧིན་དུ་ཀུཤ་ཧི་མ་ལ་ཡའི་ རླུང་ཁམས་གཙང་མའི་དཔོའ་བོ།

 

ང་བཅས་ལུ་ ཧིན་དུ་ཀུཤ་ཧི་མ་ལ་ཡ་ནང་འཁོད་ཆ་མཉམ་གྱིས འཛམ་གླིང་གསོ་བའི་ཚོགས་སྡེ་གི་ཚད་གཞི་དང་མཐུན་པའི་རླུང་ངམ་ ཡང་ན་དེ་བ་ཡང་དྲགས་པའི་རླུང་གཙང་མ་དབུགས་ལེན་འབད་ཚུགས་པའི་རེ་བ་ཨིནམ་ལས་ ང་བཅས་ཀྱིས་ ལུང་ཕྱོགས་ནང་ལུ་གནམ་ ཧོནམ་ལོག་འབག་འོང་ནིའི་དོན་ལུ་བརྩོན་ཤུགས་བསྐྱེད་མི་ ལུངས་ཕྱོགས་ཀྱི་ས་གནས་ཁག་ཚུ་ནང་གི་ མི་སྡེ་དང་མི་ངོམ་ དེ་ལས་ཚོགས་སྡེ་ཚུ་འཚོལ་ཞིབ་འབད་དེ་ དགའ་བསུའི་གསོལ་རས་ཕུལ་ནི་དང་ དགའ་སྟོན་བརྩི་སྲུང་འབད་ནི་གི་དོན་ལུ་ གྲ་བསྒྲིག་འབདཝ་ཨིན།

ང་བཅས་ཀྱིས་ བཙོག་རླུང་མེད་པའི་ཐབས་ཚང་ཚོང་རིག་དང་ ས་པག་ཅུ་སྐམ་ཐབ་རིག་གསར་སྲོལ་བཏོད་པ་ དེལས་ ཧོ་ལྗངས་ལྡན་པའི་འགྲུལ་བསྐྱོད་སྲོལ་ བཏོད་འབད་མི་དང་ རླུང་ཁམས་སྤུས་ཚད་ཀྱི་མི་སེར་མཚན་རིག་པ་ དེ་ལས་ བཙོག་རླུང་མེད་པའི་སོ་ནམ་གཞི་སྒྱུར་འགོ་བཙུགས་མི་ཚུ་ག་ར་ལས་ ཉན་འདོད་ ཡོད།

ཁྱེད་ཀྱིས་འབད་དགོཔ་ཟེར་རུང་ བཀང་ཤོག་ནང་ལུ་ཁྱེད་རའི་ལས་འགུལ་དང་ བསྐུལ་བསྒྲགས་ལས་རིམ་ ཐབས་རིག་སྲོལ་བཏོད་ཚུ་གི་ནུས་ཁྱད་གསལ་སྟོན་ འབད་དེ་ འབྲེལ་ཡོད་ལས་འགུལ་གྱི་ལས་སྣ་དང་ལས་བྱེདཔ་ཚུ་གི་པར་དང་བློག་བརྙན་ཟུར་སྦྲགས་དང་བཅསཔ་སྦེ་ བཀང་ནི་དེ་ཨིན།

 

རྒྱལ་ཁ་ཐོབ་མི་ཚུ་གིས་ ཡུ་ཨེས་ཌོ་ལར་༥༠༠ དེལས་༣༠༠ དང་ ༢༠༠ རེ་ཐོབ་ནི་ཨིན་པའི་ཁར་ ཨང་གཉིས་པ་ཚུ་གིས་ལག་འཁྱེར་དང་ འོས་འབབ་ཅན་ གྱི་གྲལ་ཁར་ཚུད་མི་ཚུ་ག་ར་ ང་བཅས་ཀྱི་ཡོངས་འབྲེལ་ཁར་གསལ་སྟོན་འབད་ནི་ཨིན།

 

འོས་འབབ་ཅན་གྱི་གྲལ་ཁར་ཚུད་ནིའི་དོན་ལུ་ ལཱ་ཚུ་ཨི་སི་མོཌ་ ཨཱར་ཨེམ་སི་ གི་ཐག་ལུ་བཙུགས་དགོཔ་ཨིན།

ཞི་ཡིག་བཙུགས་ཚེས།་སྤྱི་ལོ་༢༠༢༣ ཟླ་༡༡ པའི་ཚེས་༢༦ ནང་འཁོད། རྒྱལ་ཁ་ཐོབ་མི་ཚུ་སྤྱི་ལོ་༢༠༢༣ ཟླ་༡༢ པའི་ཚེས་༥ ལུ་གསལ་བསྒྲགས་འབད་ནི།

 

འོས་ཚད་དང་ཞུ་ཡིག་བཙུགས་ཐངས།

ཞུ་འབུལ་རིགས་ཚུ་ཨི་སི་མོཌ་གི་ལུང་ཕྱོགས་འཐུས་མི་རྒྱལ་ཁབ་ཚུ་ནང་ལས་མགྲོན་ཞུ་འབདཝ་ཨིན། ཞུ་འབུལ་ཚུ་ ཨིན་སྐད་ནང་ལུ་འབད་བཙུགས་དགོཔ་ དང་འོས་མཁོ་ཡོད་སར་སྐད་སྒྱུར་གྱི་ཟུར་ཡིག་དང་བཅསཔ་སྦེ་དགོ།

འ་ནི་འགྲན་བརྡུར་ནང་གྲལ་གཏོགས་འབད་ནིའི་དོན་ལུ་ ཞུ་འབུལ་ཚུ་བཀང་ཤོག་འདི་གི་ཐོག་ལས་བཏང་གནང་།

ཁྱོད་ཀྱིས་བརྡ་དོན་གཞན་ཚུ་ཡོད་པ་ཅིན་ང་བཅས་དང་གཅིག་ཁར་: debabrat.shukla@icimod.org ཐོགལུ་བཏང་གནང་།

 

བརྩི་མེད།

  • ས་གནས་དང་མི་སྡེའི་ དུས་ཚོན་ངོ་མ་དང་འབྲེལ་བ་མེད་པའི་ རྟོག་བཟོའི་ལཱ་གྱི་རིགས་ཀྱི་ ཞུ་འབུལ་ཚུ་ལུ་ངོས་ལེན་མེད།
  • སྲོལ་ཁྱུན་ལུ་གུས་ཞབས་མེད་པར་ ཨམ་སྲུ་དང་ ཨ་ལུ་ དེ་ལས་མཐའ་སྟོང་ཅན་གྱི་མི་རིགས་ཚུ་ ངན་པ་ཨིནམ་སྦེ་གསལ་སྟོན་འབད་མི་གི་ཞུ་ འབུལ་རིགས་ཚུ་ངོས་ལེན་མེད།
  • ཨི་སི་མོཌ་གྱི་ལས་བྱེདཔ་ཚུ་གྲལ་གཏོགས་འབད་མི་ཆོག།

ཨི་སི་མོཌ་གིས་ ཞུ་འབུལ་ལམ་ཡང་ན་སྤྱོད་ལས་གྱིས་འགྲན་བརྡུར་གྱི་ལམ་ལུགས་སྐྱོན་རྐྱབ་མི་དང་ གོང་གི་གནད་དོན་ཚུ་ཁར་མ་གནས་པ་ ངོས་ལེན་མེད་རིགས་ནང་ཚུད་པ་དང་ གཞན་སྡེ་ཚན་༣ པའི་མཁས་དབང་ཁར་གནོད་ཉེན་ཡོད་མི་གི་ཞུ་འབུལ་རིགས་ཚུ་ཆ་མེད་བཏང་ནི་ གི་དབང་ཆ་བཞགཔ་ཨིན། ཨི་སི་མོཌ་གི་ཐག་བཅད་འབད་མི་དེ་མཐའ་མའི་ཐག་བཅད་ཨིན།

 

དྲང་ཞིབ་ཀྱི་ཚད་གཞི།

ཞུ་འབུལ་ཚུ་ མཁས་རིག་དྲང་དཔོན་སྡེ་ཚན་ རླུང་ཁམས་སྤུས་ཚད་དང་ གནམ་གཤིས་འགྱུར་བའི་མཚན་རིག་མཁས་མཆོག་དང་ ཉམས་མྱོང་ཅན་གྱི་ རྩོམ་སྒྲིག་དང་ཞུན་དག་འགོ་དཔོན་ཚུ་གིས་ དྲང་ཞིབ་འབད་ནི་ཨིན།

ཞུ་འབུལ་ཚུ་ མདེན་ཁུངས་དང་ གསལ་ཆ་ དེ་ལས་ཁྱད་ནུས་ཚུ་ཁར་གཞིར་བཞག་ཐོག་ལས་ དྲང་ཞིབ་འབད་འོང་། དེ་ནང་ བྱ་ལེན་འཐབ་ཡོད་པའི་ ཁ་གསལ་ཚུ་དང་ ག་དེ་འབད་ རང་བཞིན་གནས་སྟངས་གཙང་བཟོའི་དོན་ལུ་ཕན་གྲོགས་འབད་ནུག་ག་ཚུ་ཡང་ཚུདཔ་དགོ།

འགྲན་བསྡུར་འདི་ནང་ བཅའ་མར་གཏོགས་ནི་

གཏང་།